教师动员大会

升旗仪式

学生组

足球比赛

县领导莅临我校检查指导春季结核病筛查工作

县领导莅临我校检查指导春季结核病筛查工作为进一步加强学校结核病防控工作,有效防范学校传染病疫情的发生和流行,切实保障广大师生身体健康,依据《青海省2021年学校结核病筛查工作实施方案》《杂多县春季学校

师生结核病筛查工作

师生结核病筛查工作原标题:【学校卫生】头桥中心积极开展学校新生结核病筛查工作为有效防范学校结核病疫情的发生和流行,更好地保障广大师生的身体健康,根据上级部门的要求,近日,县疾控中心和县人民医院对我校全

我校召开2021年重大传染病暨结核病防控部署会

我校召开2021年重大传染病暨结核病防控部署会为推进我校进一步做好重大传染病和结核病筛查工作,维护学校安全稳定,确保广大师生身体健康和生命安全,3月8日,我校召开2021年重大传染病暨结核病防控部署会

夯实准备,开启征程

夯实准备,开启征程——我校2021年春季开学工作按照县教育局的统一部署和我校实际情况,学校精心部署,严格按照《关于做好2021年中小学校(幼儿园)开学有关工作的通知》的要求,切实做好学校开学工作。

“小手拉大手、预防新疫情”县一中全校师生为中国加油,为武汉加油!传递爱的力量!

“小手拉大手、预防新疫情”县一中全校师生为中国加油,为武汉加油!传递爱的力量!为正确落实省州县政府关于新型冠状病毒感染的肺炎疫情防控工作会的具体要求,部署全州教育系统新型冠状病毒感染的肺炎疫情防控工作

当前位置: 首页 > 学校简介 > རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོ།

རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོ།

2017年11月23日 11:13:54 访问量:373 作者:སངས་འབུམ།

༄༅།། རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོའི་མཚམས་སྦྱོར་མདོར་བསྡུས།

    

       རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོ་ནི་སྤྱི་ལོ1976ལོར་རྫ་ཆུའི་ལྷོ་རྒྱུད་དུ་བཙུགས་ཤིང་། རྫོང་མི་དམངས་སྲིད་གཞུང་དང་

ཕལ་ཆེར་སྤྱི་ལེ་གསུམ་གྱི་མཚམས་སུ་ཆགས་ཡོད། 2013ལོའི་ཟླ་4བ་ནས་བཟུང་། སློབ་མའི་མི་གྲངས་དང་སློབ་རའི་གཞི་ཁྱོན་རྒྱ་བསྐྱེད་

པ་བརྒྱུད་ནས།སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱི་ཆོག་མཆན་བཀོད་པ་ལས།རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཙུགས་པ་

དང་།སྔར་ཡོད་ཀྱི་སློབ་འབྲིང་གི་སྒོ་བྱང་ནི་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོཞེས་བསྒྱུར་བ་དང་ཆབས་ཅིགསློབ་གྲྭ་གཉིས་ཀའི་དགེ་

རྒན་གྱི་དཔུང་སྡེ་དང་སློབ་གསོའི་སྒྲིག་གཞི་སོགས་སོ་སོར་དགར་བ་ཡིན།

           མིག་སྔར།    རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོར་འཛིན་གྲྭ་31དང་སློབ་མ་1580ཡོད།      དེའི་ཁྲོད་དམའ་རིམ་

དང་པོར་སློབ་མ་380དང་དམའ་རིམ་གཉིས་པར་སློབ་མ690། དམའ་རིམ་གསུམ་པར་སློབ་མ510བཅས་ཡོད་པ་ལས།  མང་ཤོས་

ནི་རང་ས་གནས་ཀྱི་བོད་རིགས་ཀྱི་སློབ་མ་རྐྱང་རྐྱང་ཡིན།  སློབ་གྲྭ་ཡོངས་སུ་དགེ་བཟོ་བ106ཡོད་པ་ལས།    མཁོ་སྒྲུབ་ལས་བཟོ་མི

སྣ་24དང་།  རང་ཆེད་ལས་དང་མཐུན་པའི་དགེ་རྒན་82ཡོད།དམིགས་བསལ་ལས་གནས་ཐོབ་པའི་རྒན2ནི་དེའི་ནང་དུ་འདུ།

ངེད་སློབ་གྲྭའི་དགེ་རྒན་རྣམས་ནི་ལས་གནས་ལ་དགའ་ཞིང་བརྩི་མཐོང་ཆེ་བའི་ཁར།སློབ་མ་རྣམས་ནི་རང་གི་བུ་ལྟར་དུ་བརྩེ་བ། འབད་བརྩོན་

ལྷུར་ལེན་དང་བརྩེ་བ་ཕངས་མེད་དུ་སྦྱིན་པས།    ཉེ་བའི་ལོ་འགར་རྒྱུགས་འབྲས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་མཐར།  ལོ་དུ་མའི་

རིང་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་ལ་ སྔོན་ཐོན་དཔུང་སྡེཞེས་པའི་མཚན་སྙན་ཐོབ་མྱོང་།

           རིམ་པ་འདྲ་མིན་གྱི་ཏང་ཨུ་སྲིད་གཞུང་དང་སྤྱི་ཚོགས་སྟེང་གི་འབྲེལ་ཡོད་མི་སྣའི་མཛའ་བརྩེའི་ཐུགས་འཁུར་འོག་ཏུ།  སློབ་གྲྭའི་རྩ་

བའི་སྒྲིག་འགོད་མཚམས་མ་ཆད་པར་ལེགས་བཅོས་བྱས་ཏེ།སྣ་འཛོམས་ཐོག་ཁང་དང་སློབ་མའི་གསོལ་ཁང་། དགེ་རྒན་གྱི་གཟིམ་ཁང་།  དྲ་

འཕེན་སྤོ་ལོའི་རྩེད་ར་སོགས་གསར་དུ་འཛུགས་སྐྲུན་རྒྱ་སྐྱེད་མཛད་ཡོད་ལ།སྐྱེ་དངོས་དང་རྫས་འགྱུར།དངོས་ལུགས་བཅས་ཀྱི་ཚོད་ལྟ་ཁང་དང་། 

སྐས་ལྡན་སློབ་ཁང་།རྩིས་འཁོར་སློབ་ཁང་།དཔེ་མཛོད་ཁང་།  སྒྲ་སྦྱོར་སློབ་ཁང་། གཞན་ད་དུང་གླུ་དབྱངས་དང་རྩལ་སྦྱོང་། རི་མོ་སོགས་ཀྱི་

ཆེད་བཀོལ་སློབ་ཁང་གི་མ་ལག་ཡོངས་སུ་ཆ་ཚང་བ་ཡིན།  སློབ་གྲྭའི་ད་ལྟའི་སྤྱིའི་ས་རྒྱ་ནི་སྨི་གྲུ་བཞི་མ་53280ཟིན་ཡོད་ལ།  དེའི་ནང་

ལྗང་འགྱུར་ས་ཁུལ་གྱིས་སྨི་གྲུ་བཞི་མ7750ཟིན་ཡོད་པ་དང་། སློབ་གྲྭའི་སྒྲིག་གཞི་འོས་ཤིང་འཚམ་ལ་ཁོར་ཡུག་མཛེས་ཤིང་གྲལ་དག་པས།སློབ་གྲྭས་

དུས་དང་རྣམ་པ་ཀུན་ཏུ་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་པ་རྩ་བར་བཟུང་ཞིང་། སྤྱོད་ལམ་སློབ་གསོ་སྤེལ་བ་གཙོར་བཟུང་སྟེ། དོན་དངོས་ཀྱི་ནུས་པ་ཐོན་

པར་མཐོང་ཆེན་བྱེད་པ་བཅས་ཀྱི་སྒོ་ནས་སློབ་གསོའི་བྱ་བ་སྤེལ་བའི་སློབ་སྒྲུབ་བསམ་བློ་ཆགས་ཡོད་ལ།དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་དང་ཚན་

རིག་དང་མཐུན་པའི་སྒོ་ནས། ན་ཚོད་མ་ཟིན་པའི་བྱིས་པའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་གྱི་བྱ་བའི་ལུགས་ལྡན་རང་བཞིན་དང་།དེང་སྐབས་ན་ཚོད་མ་ཟིན་པའི་

བྱིས་པའི་ལུས་སེམས་འཚར་ལོངས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་ནམ་ཚོད་འཛིན་བྱས་ཡོད། མི་གཞི་རིང་ལུགས་ཀྱི་སྤྱོད་ལམ་སློབ་གསོའི་ཁ་ཕྱོགས་

རྒྱུན་འཁྱོངས་བྱས་ཏེ། སྤྱོད་ལམ་སློབ་གསོའི་ནང་དོན་དང་ཐབས་ལམ་རྣམ་པ་གསར་རྐྱང་དུ་འགྱུར་བར་འབད་བརྩོན་བྱེད་བཞིན་ཡོད། སྤྱོད་

ལམ་སློབ་གསོའི་བྱ་བར་སྒྲུབ་དགོས་པ་ནི་བསམ་བློའི་ཀུན་སྤྱོད་ཀྱི་སློབ་གསོ་ལ་གཏན་ཚུགས་ཡོད་དགོས་པ་དང་། སྤྱོད་ལམ་སློབ་གསོའི་བསམ་

བློའི་ལམ་ཕྱོགས་གསར་གཏོད་རང་བཞིན་ཡོད་དགོས་། སྤྱོད་ལམ་སློབ་གསོའི་བྱ་བའི་བྱེད་ཕྱོགས་དམངས་གཙོ་ཡིན་དགོས་པ་དང་། སྤྱོད་ལམ་

སློབ་གསོའི་བྱ་བར་འགན་གཅིག་ལྕོགས་སུ་རྫོགས་ཐུབ་པ་བཅས་བྱེད་དགོས།འཛིན་བདག་དང་མཛད་ཁྲིད་དགེ་རྒན། སློབ་མ་བཅས་ཀྱིས་

སློབ་གྲོགས་རེ་རེའི་སྤྱོད་ལམ་སློབ་གསོ་ལ་ཚད་འགྱུར་དཔྱད་བསྡུར་སྤེལ་བ་བརྒྱུད་ནས། སློབ་མས་རང་ལ་སློབ་གསོ་གཏོང་བ་དང་བདག་གཉེར་

བྱེད་པའི་ནུས་པ་ལ་མཐོར་འདེགས་བྱུང་བ་རེད། འཛིན་གྲྭའི་བདག་གཉེར་དོ་དམ་ལ་ཁ་ཕྱོགས་ཏེ། འཛིན་གྲྭའི་ཉིན་རྒྱུན་གྱི་བདག་གཉེར་

བྱ་བའི་ཚད་འགྱུར་དཔྱད་བསྡུར་ལམ་ལུགས། སྒྲིག་བཟོ་བྱས་ཡོད་པ་ཡིན།ལམ་ལུགས་འདི་ལག་བསྟར་བྱས་པའི་རྗེས་སུ། བདག་གི་ལས་

གནས་འདུ་ཤེས་ཇེ་དྲགས་སུ་སོང་ཡོད་པར་མ་ཟད། ད་དུང་མཛད་ཁྲིད་དགེ་རྒན་གཞན་རྣམས་ཀྱི་འཛིན་གྲྭའི་ཉིན་རྒྱུན་གྱི་བདག་གཉེར་དོ་

དམ་ལ་ཐུགས་འཁུར་གནང་བའི་བྱ་བའི་སྤྲོ་སྣང་ལྡན་པའི་འཛིན་བདག་ཞིག་བྱེད་པར་སྐུལ་འདེད་བཏང་སྟེ། དེའི་སྐོར་གྱི་བྱ་འགུལ་

མང་པོ་སྤེལ་བ་དང་མངོན་གསལ་གྱི་གྲུབ་འབྲས་བླངས་པ་རེད། ལོ་འགའི་རིང་ལ་རྫོང་སྲིད་གཞུང་དང་རྫོང་སློབ་གསོ་ཅུའུ་ཡིས་

རང་སློབ་གྲྭ་འདི་ཉིད་དམིགས་ཚད་དོ་དམ་བདག་གཉེར་དཔྱད་བསྡུར་ཁྲོད་ཚད་ལྡན་སློབ་གྲྭ་དང་། སྤྱོད་ལམ་སློབ་གསོ་སྔོན་ཐོན་གྱི་སློབ་གྲྭར་

དཔྱད་འཇོག་གནང་བ་རེད།

            རང་སློབ་གྲྭ་ནི་རྫ་སྟོད་རྫོང་དུ་མི་རིགས་སློབ་འབྲིང་གཉིས་མ་གཏོགས་མེད་པའི་ཡ་གྱལ་ཞིག་ཡིན་ལ། འདས་སོང་གི་ལོ་ཟླའི་ཁྲོད་ཀྱི་

རྫ་སྟོད་རྫོང་མི་རིགས་སློབ་འབྲིང་གི་ཤུལ་བཞག་ཀྱང་ཡིན་པས། བོད་རིགས་སློབ་མའི་བསྡུར་ཚད་ཀྱིས་99.85ཟིན་ཡོད་ལ། བོད་མི་རིགས་

ཀྱི་རིག་གནས་ཤན་ཤུགས་ཆེ་ཞིང་གཏིང་ཟབ་པ་ཞིག་རེད། སློབ་གྲྭས་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་བཏོན་པའི་ཁྱད་

ལྡན་སློབ་སྒྲུབ་ཀྱི་སློབ་གསོའི་ལམ་ཕྱོགས་དུས་ལྟར་དང་བྱས་ཏེ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོའི་བྱ་འགུལ་སྤེལ་

བ་ཡིན། ལོ་དུ་མའི་རིང་གི་ནང་ཁུལ་བདག་གཉེར་དོ་དམ་གཙིགས་འཛིན་བྱས་པ་བརྒྱུད་ནས། ཕྱི་ཕྱོགས་ལ་གཟི་བརྗིད་ཀྱི་སྣང་བརྙན་

ཡག་པོ་བསྐྲུན་ཏེ།མི་རིགས་སློབ་འབྲིང་དང་པོའི་སློབ་སྒྲུབ་ཆུ་ཚད་དང་སྤྱི་ཚོགས་ཁྲོད་ཀྱི་སྙན་གྲགས་ལ་ཕྱོགས་ཡོངས་ནས་མཐོར་འདེགས་

བྱུང་ཡོད་པ་དང་།རང་སློབ་གྲྭ་ཡང་བསྟུད་མར་རྫ་སྟོད་རྫོང་གི་དཔལ་ཡོན་ལྡན་པའི་ལས་ཁུངས་དང་དཔལ་ཡོན་ལྡན་པའི་སློབ་གྲྭ་རུ་གྱུར་

བ་རེད།སློབ་སྒྲུབ་ཀྱི་བྱ་བར་རྫོགས་མཐའ་མེད་ལ། ང་ཚོས་སྔར་བཞིན་རང་སློབ་གྲྭའི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ། 

སློབ་སྒྲུབ་བསམ་བློ་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། སློབ་གསོའི་བདག་གཉེར་དོ་དམ། སློབ་གསོའི་སྤུས་ཚད་སོགས་ཀྱི་ཁྱབ་

ཁོངས་ལ་ནན་ནན་ཏིག་ཏིག་གིས་ཞིབ་འཇུག་བྱས་ནས། སློབ་མ་ལ་སྔར་ལས་སྤུས་ཚད་བཟང་བའི་སློབ་གསོ་འདོན་སྤྲོད་བྱེད་སྟངས་དང་། སྤྱི་

ཚོགས་ལ་སྔར་ལས་ཕུལ་དུ་བྱུང་བའི་འཇོན་ཐང་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་རྒྱུ་ཡིན་ནོ།།

编辑:桑杰本
上一篇:没有了
下一篇:杂多县第一民族中学简介
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。杂多县第一民族中学 特此声明。